Motor Grader Machines: The Backbone of Bhutan’s Road Construction

འཁོར་ལམ་འཕྲུལ་ཆས་ཚུ་ འབྲུག་རྒྱལ་ཁབ་ཀྱི་ འཁོར་ལམ་བཟོ་བསྐྲུན་གྱི་ རྒྱབ་བརྟེན་ས་གཙོ་བོ་ཅིག་ཨིན།

འབྲུག་རྒྱལ་ཁབ་ཀྱིས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གྱི་གོམ་པ་མདུན་དུ་སྤོ་བའི་སྐབས་ རྒྱལ་ཁབ་ཀྱི་ འཁོར་ལམ་ཚུ་ བཟོ་བསྐྲུན་འབད་ནི་ནང་ མོ་ཊར་གེ་རེ་ཌར་ཚུ་ མེད་ཐབས་མེད་པའི་ འཕྲུལ་ཆས་ཅིག་སྦེ་ མངོན་གསལ་བྱུང་ཡོད།

འོད་འབར་སྒེར་སྡེ་ཚད་ནང་ རྒྱལ་སྤྱིའི་བཟོ་བསྐྲུན་མཁོ་ཆས་དྲག་ཤོས་ཅིག་ཨིན་མི་ ཕྱི་རྒྱལ་གྱི་ལས་སྡེ་སཱ་ནེ་དང་ མཉམ་འབྲེལ་འབད་དེ་ འཇོན་ཐང་དང་ ཡུན་ གནས་ཚུགས་པའི་བཟོ་བསྐྲུན་གྱི་ལས་འགུལ་གྱི་དོན་ལུ་ ཡར་ཐོན་ཅན་གྱི་ གཞི་རྟེན་མཁོ་ཆས་བསྒྲུབ་ནིའི་འཕྲུལ་རིག་ཚུ་ འབྲུག་ལུ་ནང་འདྲེན་འབད་དོ་ཡོདཔ་ཨིན།

མོ་ཊར་གེ་རེ་ཌར་ཚུ་ ག་ཅི་སྦེ་ ཁག་ཆེཝ་སྨོ?

མོ་ཊར་གེ་རེ་ཌར་ཚུ་ འཁོར་ལམ་བཟོ་སྐྲུན་ནང་ འོག་ལུ་བཀོད་ཡོད་པའི་ལས་སྣ་ཚུ་འབད་ནི་ནང་  གཙོ་ཅན་ཅིག་ཨིན།

    ཁོད་སྙོམ་ཏོག་ཏོ་བཟོ་ནི། ལམ་གྱི་ ཧུམ་ཆ་བཏོན་ནི་དང་ གཞི་འགྱམ་སྙོམ་ཏོག་ཏོ་ཡོདཔ་ ངེས་གཏན་བཟོ་ནི།

    བཟོ་རྣམ་དང་སྡེ་རིམ་བཟོ་ནི། སའི་དབྱིབས་བྱི་གཞོལ་ཡོད་མི་དང་ ཆུ་གཡུར་བཟོ་ནི། དེ་ལས་ ཆུ་བྱག་ཚུ་གི་ 
    དོན་ལུ་ཁག་ཆེཝ་ཨིན།

    ལམ་རྒྱུན་སྐྱོང་འབད་ནི། ལམ་རྡོག་གཞིབ་ཡོད་མི་དང་ མེད་མི་གཉིས་ཆ་རའི་དོན་ལུ་ གལ་ཅན་ཅིག་ཨིན་ 
    པའི་ཁར་ འབྲུག་ལུ་ཡོད་པའི་ སའི་ཆགས་སྟངས་གདོང་ལེན་ཅན་ནང་ལས་ཕར་ཡོད་པའི་ ལམ་གྱི་ཚེ་ 
    རིངམོ་བཟོ་ནིའི་དོནལུ་ ཁག་ཆེཝ་ཨིན།

སཱ་ནི་མོ་ཊོར་གེ་རེ་ཌར། ཁྱད་འཕགས་ཅན་གྱི་དོན་ལུ་བཟོ་སྐྲུན།

ད་ལས་ཕར་ འབྲུག་ལུ་ ལཱ་བཤུལ་བཏོན་ནི་དང་ བློ་གཏད་ཚུགསཔ་སྦེ་བཟོ་ཡོད་པའི་ སཱ་ནི་མོ་ཊོར་གེ་རེ་ཌར་ཚུ་འོད་འབར་ལས་སྡེ་བརྒྱུད་དེ་ འཐོབ་ཚུགས།

༡. ཚང་ཡོད་པའི་ཁྱད་ཆོས་གཙོ་བོ་ཚུ་ཡང་

༢. ས་ཆའི་མཐོ་དམའ་བཟོ་ནི། ས་ཆ་སྙོམ་ནིའི་དོན་ལུ་ མཆོག་འགྱུར་གྱི་བཱི་ལེཊ་ ཚད་འཛིན་གྱི་རིམ་ལུགས།

༣. འཕྲུལ་འཁོར་ས་སྣུམ་བྱམས་ཏོག་ཏོ། ས་སྣུམ་ལེ་ཤ་མི་འགྱོཝ་ལས་ ལག་ལེན་གྱི་གནས་གོང་མར་ཕབ་འབད་      ཚུགས།

༤. ཚེ་སྲ་བའི་ཡན་ལག། ཚེ་སྲ་ཀྲ་ཡོད་པའི་ ཆ་ཤས་ཚུ་ འབྲུག་གི་ས་ཆ་རང་རོང་སྦེ་ཡོད་མི་ཚུ་གི་དོན་ལུ་ བཟོ་
    བཀོད་འབད་ཡོདཔ།

༥. བྱ་སྟབས་བདེ་བའི་ལག་ལེན། ཐོན་ཁུངས་ལེ་ཤ་འཐོབ་ཚུགསཔ་ངེས་གཏན་བཟོཝ་ཨིན།

འབྲུག་ལུ་མཐར་འཁྱོལ་ཅན་ཅིག་སྦེ་སོང་ཡོད་པའི་བདེན་ཁུངས་ཡོདཔ།

ང་བཅས་ཀྱི་ མོ་ཊོ་གེ་རེ་ཌར་ཚུ་གིས་ ཧེ་མ་ལས་ར་ འབྲུག་གི་ས་གནས་ཁག་ལས་ཕར་ གཞི་རྟེན་མཁོ་ཆས་ཀྱི་ལས་འགུལ་སྦོམ་བཟོ་ནི་ནང་ བློ་གཏད་ཚུགས་པའི་ དཔེ་སྟོན་འབད་དེ་ཡོད།

ས་ནི་མོ་ཊོར་གྷི་རེ་ཌར་ཚུ་  འབྲུག་ལུ་ མཐའ་ཟུར་གྱི་ གངས་རིས་ཅན་གྱི་ལུང་ཕྱོགས་ལས་འགོ་བཟུང་ བཟོ་གྲྭའི་གླིང་ག་ཚུན་གྱི་བཟོ་སྐྲུན་གྱི་ལཱ་ནང་ འཇོན་ཐང་དང་ ཡུན་རིང་གི་རིན་ཐང་འཚོལ་མི་  ཁག་འབགཔ་ཚུ་གི་ གདམ་ཁ་དང་པ་དང་ བློ་གཏད་ཚུགས་པའི་མཁོ་ཆས་ཅིག་ཨིན།

འོད་འབར་ག་ཅི་སྦེ་ གདམ་ཁ་རྐྱབ་དགོཔ་སྨོ?

འབྲུག་ལུ་ སཱ་ནི་མོ་ཊོར་ གེ་རེ་ཌར་ཚོང་འབྲེལ་ངོ་ཚབ་གཙོ་ཅན་ཅིག་ཨིན་མི་ འོད་འབར་སྒེར་སྡེ་ཚད་ཀྱིས་ འོག་གི་ཞབས་ཏོག་ཚུ་ ཕུལཝ་ཨིན།

༡. སོར་འཐེབ་ཅ་ཆས་ངོ་མ་དང་ མཁས་མཆོག་ལྡན་པའི་རྒྱུན་སྐྱོང་ཞབས་ཏོག།

༢. དོ་འགྲན་ཅན་གྱི་གོ་ཚད་དང་ ཚོང་འབྲེལ་འཐབ་ཚར་བའི་བཤུལ་གྱི་ཞབས་ཏོག་ཡོངས་རྫོགས།

༣. ལས་འགུལ་ག་རའི་ནང་ ཁག་འབགཔ་ཚུ་ལུ་ མཐར་འཁྱོལ་འབྱུང་ཐབས་ལུ་ གྲོགས་རམ་འབད་ནི་གི་ཁས་ 
    བླངས།

མོ་ཊོར་གེ་རེ་ཌར་ཚུ་ འཕྲུལ་ཆས་ལས་ལྷག་སྟེ་ རིག་གསར་གྱི་གཞི་རྟེན་མཐུན་རྐྱེན་གྱི་གཞི་རྩ་ཅིག་ཡང་ཨིན། ནཱ་གི་ འཁོར་ལམ་བཟོ་སྐྲུན་གྱི་ལས་འགུལ་ཚུ་ སཱ་ནི་དང་འོད་འབར་བཟུམ་གྱི་ ལྕོགས་གྲུབ་ཅན་གྱི་ལག་པར་ཡོདཔ་ལས་ ནཱ་གིས་ རྩི་ནག་གཏང་ནིའི་ཐབས་ལམ་འདི་གིས་ འབྲུག་གི་མ་འོངས་ལམ་ཕྱོགས་བཟང་པོ་བཟོ་ཚུགས་ཟེར་བའི་ ཡིད་ཆེས་བསྐྱེད་ཚུགསཔ་བཟོཝ་ཨིན།

ང་བཅས་ཀྱི་ མོ་ཊོར་གྷི་རེ་ཌར་གྱི་ སྣ་ཁག་མ་འདྲཝ་ཚུ་གི་སྐོར་ལས་ ཧེང་སྐལ་མཁྱེན་ནི་དང་ ནཱ་གི་མ་འོངས་ལས་འགུལ་ཚུ་ལུ་ ག་དེ་སྦེ་ རྒྱབ་སྐྱོར་འབད་ཚུགས་ག་ཤེས་ནིའི་དོན་ལུ་ ད་རིས་ང་བཅས་དང་འབྲེལ་བ་འཐབ་གནང་།

བྲི་སྒོ་ནང་ལོག་འགྱོ།