Upcoming Construction and Infrastructure Projects in Bhutan: A Look Ahead to 2025

འབྲུག་ནང་འཁོད་ འཕྲལ་ར་འོང་ནི་ཨིན་པའི་ བཟོ་སྐྲུན་དང་ གཞི་རྟེན་མཐུན་རྐྱེན་ ལས་འགུལ། སྤྱི་ལོ་ ༢༠༢༥ གི་མདུན་ལམ་གཟིགས།

འབྲུག་ལུ་ སྤྱི་ལོ་ ༢༠༢༥ ལུ་ གལ་གནད་ཅན་གྱི་གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ གྲ་སྒྲིག་སོང་ཡོདཔ་ད་ ལས་འགུལ་སྦོམ་ལེ་ཤ་ཅིག་ འགོ་བཙུག་ནི་དང་ ཡང་ན་ མཇུག་བསྡུ་ནི་གུར་ ལྷོད་ནི་དེ་ཡོདཔ་ཨིན།

གློག་མེ་ལས་འགུལ།

ཁོ་ལོང་ཆུ་ གློག་མེ་ལས་འགུལ། མེ་ག་ཝཊ་ ༦༠༠ འབད་མི་ ཁོ་ལོང་ཆུ་ གློ་མེ་ལས་འགུལ་འདི་ སྤྱི་ལོ་ ༢༠༢༤ པའི་ སྤྱི་ཚེས་་ ༩ པ་ལས་ འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༢༩ པའི་ སྤྱི་ཟླ་ ༣ པའི་ནང་ མཇུག་བསྡུ་ནི།

རྡོ་རྗེ་ལུང་གློག་མེ་ལས་འགུལ། མེ་ག་ཝཊ་ ༡༡༢༥ འབད་མི་ རྡོ་རྗེ་ལུང་གློག་མེ་ལས་འགུལ་འདི་ སྤྱི་ལོ་ ༢༠༢༥ པའི་ སྤྱི་ཟླ་ ༡༠ པའི་ནང་ འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༣༡ པའི་ སྤྱི་ཟླ་ ༡༠ པའི་ནང་ མཇུག་བསྡུ་ནི་གི་དམིགས་གཏད་བསྐྱེདཔ་ཨིན་མས།

གློག་མེ་ལས་འགུལ་ཆུང་བ།སྤྱི་ལོ་༢༠༢༤ ལས་༢༠༢༥ གི་བར་ན་ འགོ་བཙུགས་ནི་གི་ འཆར་གཞི་ཡོད་མི་ ལས་འགུལ་གསུམ་ མེ་ག་ཝཊ་ ༥༤ འབད་མི་ འབུར་སྒང་་ཆུ་དང་ མེ་ག་ཝཊ་འབད་མི་ ༣༢ ཡུང་ཆུ་ཆུ་ དེ་ལས་ མེ་ག་ཝཊ་ ༡༨ འབད་མི་ སུ་ཆུ་ཚུ་ བཟོ་བསྐྲུན་འབད་བའི་བསྒང་ཡོདཔ་ཨིན།

 བཟོ་གྲྭ་གོང་འཕེལ།

ནོར་བུ་སྒང་ལུ་ ཕེ་རོ་སི་ལི་ཀཱོན་འཕྲུལ་ཁང་།བསམ་རྩེ་ལུ་ འཕྲུལ་ཁང་གསརཔ་ ༦ རྐྱབ་པའི་བསྒང་ཡོད་མི་ཚུ་ སྤྱི་ལོ་ ༢༠༢༥ ལུ་ ལག་ལེན་འཐབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ལས་ འབྲུག་གི་ བཟོ་གྲྭ་གོང་འཕེལ་ལུ་ ལྷན་ཐབས་འབད་དོ་ཡོདཔ་ཨིན་པས།

འཇིགས་མེད་གླིང་བཟོ་གྲྭ་གླིང་ག་ནང་མེ་ག་ཝཊ་ ༥༠༠ འབད་མི་ བིཊ་ཀོའིན་གཏེར་རྫས་གནས་སྡུད་ལྟེ་བ་འདི་ བཟོ་བསྐྲུན་འབད་བའི་བསྒང་ཡོདཔ་ད་ སྤྱི་ལོ་ ༢༠༢༥ བར་ཁམས་ཅིག་ལས་ གོ་རིམ་བཞིན་དུ་ ལག་ལེན་འཐབ་ནི་འགོ་བཙུགས་ནི་ཨིན་མས།

 བསྐྱར་གསོ་འབད་བཏུབ་པའི་ནུས་ཤུགས།/ སླར་བྱུང་ནུས་ཤུགས།

སེ་ཕུག་ཉིན་དྲོད་གློག་ཤུགས་ཁང་། འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ ཉིན་དྲོད་གློག་ཤུགས་ ཤོང་ཚད་ མེ་ག་ཝཊ་ ༢༢.༣༨ འབད་མི་ཅིགདབང་འདུས་ཕོ་བྲང་ལུ་ བཟོ་བསྐྲུན་འབད་བའི་བསྒང་ཡོདཔ་ད། དེ་ཡང་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ནང་ མཇུག་བསྡུ་ཚུགས་པའི་རེ་བ་ཡོདཔ་ཨིན།

ལས་འགུལ་འདི་ཚུ་གིས་ འབྲུག་གིས་ ནུས་ཤུགས་ཀྱི་གཞི་རྟེན་མཐུན་རྐྱེན་དང་ བཟོ་གྲྭའི་ལྕོགས་གྲུབ་ཚུ་ རྒྱ་སྐྱེད་གཏང་ནི་གི་ ཁས་བླངས་འབད་མི་ལུ་ གཞི་བཞག་སྟེ་ མ་འོངས་པའི་ལོ་ཚུ་ནང་ ཡར་རྒྱས་དང་གོང་འཕེལ་གྱི་ གོ་སྐབས་སྦོམ་ཚུ་ གསལ་སྟོན་འབདཝ་ཨིན་མས།

    བྲི་སྒོ་ནང་ལོག་འགྱོ།